Показать сообщение отдельно
Старый 08-05-2012, 05:15   #1069
 
Аватар для Вадим Асадулин
 
Регистрация: May 2008
Адрес: Иркутск
Сообщений: 4,017 Поблагодарил: 1,627
Поблагодарили 7,243 раз(а) в 2,623 сообщениях
Файловый архив: 3
Закачек: 0
Re: Голодание и Тибетская Медицина.

༄༅།། ཚད་རིམས་སྨན་གྱི་སྡེ་ཚན།
Лечение инфекционных лихорадок.
http://www.arurahp.com/tibetan/host/...iew.asp?id=978
2011-11-5 8:43:51
ནོར་བུ་བདུན་ཐང།
ཅུང་བསིལ། བཟི་མེད།
ཕན་ནུས། ཚ་བ་མ་སྨིན་པ། ཚ་བ་བྱེར་བ། ཆམ་རིམས་ནད་དང། རླུང་ཁྲག་འཁྲུགས་པ་སོགས་ལ་ཕན།
གཏོང་ཐབས། ཉིན་རེར་ཐེངས་གཅིག་ནས་གཉིས་བར་ཐང་བསྐོལ་ནས་གཏོང་རྒྱུ །

མ་ནུ་བཞི་ཐང།
ཅུང་བསིལ། བཟི་མེད།
ཕན་ནུས། རིམས་ཚད་མ་སྨིན་པ་དང། བད་ཀན་སྐྱ་སྨུག་གི་ནད། སྟོངས་ཚད་ཀྱི་ནད། ཁྲག་གཟེར་གྱི་ནད་སོགས་ལ་ཕན།
གཏོང་ཐབས། ཉིན་རེར་ཐེངས་གཅིག་ནས་གཉིས་བར་ཐང་བསྐོལ་ནས་གཏོང་རྒྱུ །

འཕྲུལ་ཐང།
བསིལ་ཆེ། བཟི་མེད།
ཕན་ནུས། གློ་མང་བ་དང། སྐོམ་ཚད་ཆེ་བ། ཚ་བ་བརྒྱབ་པ། གྲང་ཤུམ་བྱེད་པ། རླུང་ཚད་དང། ཁྲག་རླུང་སྟོད་འཚངས། རིམས་ཚད་གཉན་སོགས་སྨིན་པ་དང་སྡུད་པར་ཕན།
གཏོང་ཐབས། ཉིན་རེར་ཐེངས་གཅིག་གཉིས་བར་ཐང་བསྐོལ་ནས་གཏོང་རྒ ྱུ།

གཙོ་བོ་བརྒྱད་པ།
བསིལ་ཆེ། བཟི་མེད།
ཕན་ནུས། དོན་སྣོད་ཀྱི་ཚད་པ་དང། གློ་ཚད། མཆིན་ཚད། ཚད་པ་གསར་རྙིང། འཁྲུགས་རིམས་ཀྱི་ནད་རྟགས་སོགས་ལ་ཕན།
གཏོང་ཐབས། ཉིན་རེར་ཐེངས་གཅིག། ཐེངས་རེར་རིལ་བུ་བཞི།

ག་བུར་ཉེར་ལྔ།
བསིལ་ཆེ། བཟི་མེད།
ཕན་ནུས། འགྲམས་ཚད་དང། འཁྲུགས་ཚད། རིམས་ཚད། དོན་སྣོད་ཀྱི་ཚད་པ་དང། དྲེག་གྲུམ་མེ་དབལ། ཚད་པ་གསར་རྙིང་ཀུན་ལ་ཕན།
གཏོང་ཐབས། ཉིན་རེར་ཐེངས་གཅིག། ཐེངས་རེར་རིལ་བུ་གསུམ་ནས་བཞི།

དཔའ་བོ་བཅུ་བཞི།
བསིལ་ཆེ། བཟི་ཅུང་ཡོད།
ཕན་ནུས། གཉན་ཚད་དང། ཆམ་ཚད་སོགས་ལ་ཕན།
གཏོང་ཐབས། ཉིན་རེར་ཐེངས་གཅིག། ཐེངས་རེར་རིལ་བུ་གསུམ།
རྣམ་རྒྱལ་ཐང་ནག།
བསིལ། བཟི་ཅུང་ཡོད།
ཕན་ནུས། གློ་ཚད་དང། ཀླད་གཟེར། གཉན་ཚད། རྒྱ་གཟེར། རིམས་ཚད་སྨིན་ཅིང། རྩ་ཁ་སྡོམས་པ་སོགས་ལ་ཕན།
གཏོང་ཐབས། ཉིན་རེར་ཐེངས་གཅིག་ནས་གཉིས་བར་ཐང་བསྐོལ་ནས་གཏོང་རྒྱུ །

ཕུར་ནག་དགུ་ཐང།
བསིལ། བཟི་མེད།
ཕན་ནུས། ཀླད་གཟེར་དང། གཉན་རིམས། དུག་འཐབ། ཕོ་ནད། གླང་འཐབ་སོགས་ལ་ཕན།
གཏོང་ཐབས། ཉིན་རེར་ཐེངས་གཅིག་ནས་གཉིས་བར་ཐང་བསྐོལ་ནས་གཏོང་རྒྱུ །

གླེབ་ཆོག།
བསིལ་ཆེ། བཟི་འབྲིང།
ཕན་ནུས། མཁྲིས་པའི་ནད་དང། ཚད་རིམས་མཐའ་དག་སྨིན་པ་དང། སྡུད་པ། གསོད་པར་ཕན།
གཏོང་ཐབས། ཉིན་རེར་ཐེངས་གཅིག། ཐེངས་རེར་རིལ་བུ་གསུམ་ནས་བཞི་བར།

ལོ་གྱོན།
བསིལ། བཟི་ཆེ།
ཕན་ནུས། ཆམ་རིམས་དང། མགོ་གཟེར། གཉན་གཟེར། གཉན་ཚད། གག་ལྷོག་སོགས་ལ་ཕན།
གཏོང་ཐབས། ཉིན་རེར་ཐེངས་གཅིག། ཐེངས་རེར་རིལ་བུ་གཅིག།
ཁྱུང་སྔོན་དགུ་པ།
བསིལ། བཟི་ཆེ།
ཕན་ནུས། རིམས་ཚད་དང། འཁྲུགས་ཚད། གཉན་ཚད་གློ་ཆམ་སོགས་ལ་ཕན།
གཏོང་ཐབས། ཉིན་རེར་ཐེངས་གཅིག། ཐེངས་རེར་རིལ་བུ་བཞི།

སྤང་རྩི་བཅུ་གཉིས།
བསིལ། བཟི་ཆེ།
ཕན་ནུས། རིམས་ནད་དང། གཉན་ཚད་རྒྱས་པ། ཀུན་ལ་ཕན།
གཏོང་ཐབས། ཉིན་རེར་ཐེངས་གཅིག། ཐེངས་རེར་རིལ་བུ་གསུམ།

སྤང་ཁྲག་བཅུ་གཉིས།
བསིལ། བཟི་ཆེ།
ཕན་ནུས། གཉན་རིམས་དང། གཉན་སྐྲངས། རྨ་དང་ཡ་མའི་རིགས། མིག་ནད་དམར་ཚག་དང། སྐམ་ཚག་སོགས་ལ་ཕན།
གཏོང་ཐབས། ཉིན་རེར་ཐེངས་གཅིག། ཐེངས་རེར་རིལ་བུ་གསུམ་ནས་བཞི།

སྨན་ནག་འཁྲུལ་འཁོར་ཆེན་མོ།
བསིལ་ཆེ། བཟི་ཆེ།
ཕན་ནུས། ཚ་བ་གསར་པའི་ནད་དང། ཚ་བ་རྙིང་པའི་ནད། ཚ་བ་བྱེར་བའི་ནད། གཉན་ཚད་ཀྱི་ནད། ལྷོག་པའི་ནད། ཆམ་པའི་ནད། འབྲམ་པ། རིམས་ནད། རྒྱུ་གཟེར། དམར་བཤལ་ནད་སོགས་ལ་ཕན།
གཏོང་ཐབས། ཉིན་རེར་ཐེངས་གཅིག། ཐེངས་རེར་རིལ་བུ་གཅིག།

རྟ་བཟི་དམར་པོ།
བསིལ་ཆེ། བཟི་ཆེ།
ཕན་ནུས། ཚད་རིམས་དང། གཉན་ཚད། གཉན་སྐྲངས། བལ་ནད། འབྲུམ་པ། མིག་སེར། གག་ལྷོག་སོགས་ལ་ཕན།
གཏོང་ཐབས། ཉིན་རེར་ཐེངས་གཅིག། ཐེངས་རེར་རིལ་བུ་གསུམ།

གྷི་ཁྱུང།
བསིལ། བཟི་ཅུང་ཡོད།
ཕན་ནུས། མཆིན་ཚད་དང། མཁྲིས་ཚད། གཉན་རིམས། ཕོ་མཆིན་ཡུལ་དུ་བབས་པ། མཁྲིས་པ་རྩར་རྒྱུག་གི་ནད་སོགས་ལ་ཕན།
གཏོང་ཐབས། ཉིན་རེར་ཐེངས་གཅིག་ཐེངས་རེར་རིལ་བུ་གྷི་ཝམ་རིལ་བུ་གས ུམ་དང་ཁྱུང་ལྔ་རིལ་བུ་གསུམ་མཉམ་དུ་གཏོང་རྒྱུ།
__________________
Камень, лежащий вне дороги, не может быть помехой, он просто камень. Только камни, портящие дорогу, могут быть помехами, но они же и знаки верного направления. А. Шевцов. "Введение в науку думать".
Вадим Асадулин вне форума